༈ གནང་བཅུ་པའི་ལན་ནི། གུས་ཕྲན་གཞོན་དུས་མཚན་ཉིད་སོགས་གཞུང་ཆེན་མོ་རྣམས་ལ་སྦྱངས་པ་མ་བྱས་པར་མ་ཟད་དེང་སྐབས་སྔ་མོ་ཅུང་ཟད་ཤེས་པ་རྣམས་ཀྱང་རྒས་པ་དང་དཀོར་གྲིབ་ཀྱིས་ནོན་པས་ རིམ་གྱིས་བརྗེད་ནས་བློ་མི་གསལ་ཞིང་འཕྲལ་དུ་དཔེ་ལྟ་བའང་མིག་གིས་རྐྱེན་མི་ཐེག་པ་བཅས་གཞི་ལམ་འབྲས་བུའི་རྣམ་གཞག་བྱས་ཀྱང་རང་གི་མ་ཚང་སྟོན་པ་ལས་བསྟན་འགྲོ་སྤྱི་བྱེ་བྲག་ལ་སྨན་རེ་ མེད་ངེས་ལགས་པས་དགོངས་ཁྲེལ་མེད་པ་མཁྱེན་མཁྱེན་ལགས་